པུའུ་ཁི་ནཱ་ཧྥ་སོ་ཡི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་ཐེབས་ཏེ་མི་སོ་བཞི་རྐྱེན་ལམ་དུ་ཤོར།
2023.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

པུའུ་ཁི་ནཱ་ཧྥ་སོ་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་རུ་ཁག་ཅིག་ལ་ཚེས་ཉེར་དྲུག་ཉིན་རྒྱལ་ཁབ་དེའི་དབུས་བྱང་ཕྱོགས་ཀྱི་ས་ཁུལ་ཆེན་མོ་ནས་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དམག་དཔུང་སྐྱེལ་བའི་རླངས་འཁོར་རུ་ཁག་ཅིག་ལ་དབུས་བྱང་ས་ཁུལ་ཆེན་མོའི་པཱ་མུའུ་ཞིང་ཆེན་ནས་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། ཕྱོགས་གཉིས་ཀྱི་འཁྲུག་རྩོད་དྲག་པོ་བྱས་ལ། དམག་ཕྱོགས་ཀྱིས་ངོ་རྒོལ་མཐའ་འཁྱོལ་བྱས་པས་ཤི་རྨས་ཚབས་ཆེན་བྱུང་། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། དམག་མི་སོ་གཅིག་དང་དམངས་དམག་གསུམ་འཁྲུག་རྩོད་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུ་ལྷག་ལ་རྨས་ཕོག་ཡོད་ལ། མི་བཅུ་ལྷག་གར་སོང་རྙེད་མེད། འཇིགས་སྐུལ་ཉེས་ཅན་བཞི་བཅུ་ལྷག་བསད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།