ཨུ་རུ་སི་ཡིས་ས་ཁུལ་མང་བོ་ནས་ཝུའུ་ཁི་ལན་གྱི་དཔུང་འཇུག་དམག་དཔུང་མཐར་སྐྲོད་བཏང་ཡོད་པའི་ཚུལ་བསྟན།
2023.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཧོང་ལེ་མན་སོགས་ཀྱི་ཕྱོགས་ནས་ཝུའུ་ཁི་ལན་གྱི་དམག་དཔུང་གི་དཔུང་འཇུག་ལ་ཐེངས་འགར་མཐར་སྐྲོད་བཏང་བ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གི་འཐབ་འཁོར་དང་མདེལ་དང་འགད་རྫས་ཀྱི་མཛོད་ཁང་སོགས་དམིགས་འབེན་ལ་གཏོར་བརླག་བཏང་ཡོད་ཟེར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་བར་གྱི་པཱ་ཧི་མུའུ་ཐི་ས་སོགས་ས་ཁུལ་གྱི་འཐབ་འཁྲུག་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་ཡང་བསྐྱར་ཝུའུ་ཁི་ལན་ལ་མེ་སྒོར་དུང་ཕྱུར་ལྔའི་རིན་ཐང་ཅན་གྱི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས་ཉེར་བདུན་ཉིན་འཇར་མན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་མདུན་ལྗོངས་དེ་ཨ་མེ་རི་ཁར་ཞི་བདེ་མཁོ་མིན་ལ་རག་ལས་ཡོད་པ་དང་། ཨ་མེ་རི་ཁས་མུ་མཐུད་དུ་ཝུའུ་ཁི་ལན་ལ་མཚོན་ཆ་དང་མ་དངུལ་འདོན་སྤྲོད་བྱེད་སྲིད་ཀྱང་། ཧང་ག་རི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་དང་ཞི་བདེ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།