ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེའི་མཆོད་རྟེན་ནང་ངོས་ཀྱི་བསྒྱུར་བཀོད་བཟོ་སྐྲུན་མཇུག་སྒྲིལ་བའི་མཛད་སྒོ་ཕེན་རང་ནས་སྤེལ།
2023.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེའི་མཆོད་རྟེན་ནང་ངོས་ཀྱི་བསྒྱུར་བཀོད་བཟོ་སྐྲུན་མཇུག་སྒྲིལ་བའི་མཛད་སྒོ་དེ་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ཕེན་རང་ནས་སྤེལ།

ཁྲའོ་ཞན་གྱི་གྲོང་ཁྱེར་ཚོང་གཉེར་གྱི་བློན་ཆེན་རིན་ཅིན་ཙུའེ་ཡིས་བསྟན་དོན། ཁྲའོ་ཞན་མེས་རྒྱལ་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་ལ་ཉེ་བའི་སྐབས་སུ། མཛའ་བརྩེའི་མཆོད་རྟེན་ནང་ངོས་ཀྱི་བསྒྱུར་བཀོད་བཟོ་སྐྲུན་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། མི་རབས་ནས་མི་རབས་བར་ཀྲུང་གོའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བླ་མེད་སྙིང་སྟོབས་དང་བསུབ་པ་མེད་པའི་བྱས་རྗེས་རྒྱུན་འཛིན་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་མི་ལ་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུགས་ཁུར་སྣེ་ཁྲིད་འོག་སྔར་ལས་གཞོམ་གཞིག་བྲལ་བའི་ཁྲའོ་ཞན་དང་ཀྲུང་གོའི་མཛ་བརྩེ་ངོམས་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ཁྲའོ་ཞན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཡཱ་ཅུན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་དང་མཉམ་དུ། ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་ལག་ལེན་དངོས་འབེབས་བྱེད་པ་དང་། དུས་རབས་གསར་བའི་རེ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་འདུན་གཞིར་བཟུང་ཐོག མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ། ས་ཁུལ་རང་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆད་དུ་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།