དབྱི་ལིང་གིས་སོ་ཏི་ཨ་རབ་བར་གྱི་རྡོ་སྣུམ་མཉམ་ལས་སྤེལ་མགོ་བརྩམས་པའི་ཚུལ་བསྟན།
2023.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་འགན་ཁུར་བ་ཧའོ་ཅཱ་སི་ཐི་མེད་ཧི་ཨར་གྱིས་ཚེས་ཉེར་བདུན་ཉིན་བསྟན་དོན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་རྡོ་སྣུམ་མཉམ་ལས་སྤེལ་མགོ་བརྩམས་ཡོད་ཟེར། ཧའོ་ཅཱ་སི་ཐི་མེད་ཧི་ཨར་གྱིས་བཤད་རྒྱུར། ཅང་མི་འགོར་བའི་མ་འོངས་པར་ཕྱོགས་གཉིས་ཀྱིས་ཧྥུའུ་ལུའུ་ཙན་སྣུམ་ཞིང་ནས་མཉམ་འབྲེལ་གྱིས་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་འཕྲིན་བཟང་སྒྲོག་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།