སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་སྔ་གཞུག་ཏུ་དུས་ཡུན་ཐུང་ངུའི་ནང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
2023.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་སོ་སོར་གསལ་སྒྲོག་སྤེལ་ཏེ། དམར་མཆོད་དུས་ཆེན་ཐོབ་པའི་སྐབས་སུ་ཕྱོགས་གཅིག་ནས་དུས་ཡུན་ཐུང་ངུའི་ནང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར།

སུའུ་ཏན་གྱི་དྲག་ཆས་དམག་དཔུང་གི་དམག་སྤྱི་པུའུ་ཨར་ཧན་གྱིས་ཚེས་ཉེར་བདུན་ཉིན་སུའུ་ཏན་དཔོན་ཕྱོགས་བརྙན་འཕྲིན་ཁང་བརྒྱུད་དེ་གཏམ་བཤད་སྤེལ་ནས། ཚེས་ཉེར་བརྒྱད་ཉིན་དམར་མཆོད་དུས་ཆེན་ལ་ཉིན་གཅིག་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པ་ཏཱ་ཅཱ་ལོ་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་ནས་བཟུང་ཕྱོགས་གཅིག་ནས་ཉིན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་པ་དང་། ཞོར་དུ་སུའུ་ཏན་དྲག་ཆས་དམག་དཔུང་གི་བཟུང་དམག་བརྒྱ་ཕྱིར་གཏོང་རྒྱུ་ཡིན་ཟེར།

ཡིན་ཡང་ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཚེས་ཉེར་བདུན་ཉིན་རྒྱལ་ས་ཁཱ་ཐུའུ་མུའུ་རུ་མུ་མཐུད་དུ་འཁྲུག་རྩོད་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།