སོ་ཏི་ཨ་རབ་ཀྱི་ཅི་ཏཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཉེ་འདབས་སུ་ཚེས་ཉེར་བརྒྱད་ཉིན་འཇབ་རྒོལ་ཐེབས། སོ་ཏི་ཨ་རབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མེ་མདའ་འཛིན་མཁན་ཉིན་དེར་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཉེ་འདབས་སུ་སོང་ནས། ཡུལ་དངོས་དེར་དོན་རྐྱེན་ཐག་གཅོད་བྱེད་པར་ཡོང་བའི་སོ་ཏི་ཨ་རབ་ཀྱི་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱས། དོན་རྐྱེན་དེའི་ཁྲོད། ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་གླས་པའི་རྒྱལ་ཁབ་གཞན་པའི་བདེ་སྲུང་མི་སྣ་ཞིག་རྐྱེན་ལམ་དུ་ཤོར་བ་དང་། མེ་མདའ་བཟུང་མཁན་དེ་བསད་པ་རེད། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།