ཧྥེ་ལེ་པེན་སྔོན་ཆད་ཀྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ཨ་མེ་རི་ཁས་ཧྥེ་ལེ་པེན་དུ་དམག་དོན་བཀོད་སྒྲིག་བྱས་པར་སེམས་ཁུར་བྱེད་པའི་ཚུལ་བསྟན།
2023.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཧྥེ་ལེ་པེན་སྔོན་ཆད་ཀྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ཉེ་སྔོན་བསྟན་དོན། ཁོས་ཨ་མེ་རི་ཁས་ཧྥེ་ལེ་པེན་དུ་དམག་དོན་བཀོད་སྒྲིག་བྱས་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁས་ཧྥེ་ལེ་པེན་དུ་དམག་དོན་བཀོད་སྒྲིག་བྱས་ན་ཧྥེ་ལེ་པེན་ཉེན་ཁའི་གནས་སུ་ལྷུང་སྲིད་པར་འདོད།

ཏུའུ་ཐི་ཨར་ཐི་ཡིས་ཧྥེ་ལེ་པེན་གྱི་བརྙན་འཕྲིན་ཁང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་བཏང་བའི་བཅར་འདྲིའི་ལེ་ཚན་ཞིག་ཏུ་བཤད་རྒྱུར། ཧྥེ་ལེ་པེན་མིག་སྔར་དཀའ་ཁག་གཉིས་ལ་འཕྲད་ཡོད་པ་དང་། གལ་ཏེ་ཨ་མེ་རི་ཁའི་དམག་མི་གནས་འདི་ནས་བསྡད་དེ་མཚོན་ཆ་བཀོད་སྒྲིག་བྱས་ན། ཧྥེ་ལེ་པེན་ལ་མཚོན་ན། ཨ་མེ་རི་ཁས་རྒྱུན་སྲོལ་གྱི་མཚོན་ཆ་མ་གཏོགས་བཀོད་སྒྲིག་བྱེད་མི་སྲིད་པར་བསམ་པའི་འདོད་ཚུལ་དེ་བླུན་རྨོངས་ཀྱི་སྣང་ཚུལ་ཞིག་རེད་ཟེར།

བཅར་འདྲི་བྱེད་སྐབས་ཏུའུ་ཐི་ཨར་ཐི་ཡིས་ཧྥེ་ལེ་པེན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་པའི་གྲོས་མཐུན་ལ་མངོན་གསལ་གྱིས་ངོ་རྒོལ་བྱས་པ་དང་། དམག་དོན་མཉམ་ལས་ཀྱི་གྲོས་མཐུན་དེས་ཧྥེ་ལེ་པེན་ལ་ཉེན་ཁ་བཟོ་སྲིད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།