སྐབས་བཅུ་བཞི་བའི་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་གྲོལ།
2023.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

འདི་ནི་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་པར་བླངས་པའི་སྐབས་བཅུ་བཞི་བའི་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་མཇུག་བསྡུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཡུལ་དངོས་རྣམ་པ་རེད།

འདི་ནི་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་པར་བླངས་པའི་སྐབས་བཅུ་བཞི་བའི་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་མཇུག་བསྡུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཡུལ་དངོས་རྣམ་པ་རེད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྐབས་བཅུ་བཞི་བའི་སྣེ་ཁྲིད་པ་གསར་བའི་ལོ་ཚོགས་ཏེ་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་ཀྱིས་བདེ་བླག་ངང་གྲོས་རིམ་ཚང་མ་ཡོངས་འགྲུབ་བྱས་ནས། ཚེས་ཉེར་དགུ་ཉིན་མཛེས་སྡུག་གི་མཚོ་ཁའི་གྲོང་ཁྱེར་ཐེན་ཅིན་ནས་གྲོལ།

ཁེ་ལས་པའི་སྙིང་སྟོབས་ཏེ་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་ཞེས་པ་བརྗོད་སྙིང་དུ་བཟུང་བའི་སྐབས་འདིའི་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་ལ་བསྡོམས་པས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་བརྒྱ་ཙམ་ནས་ཡོང་བའི་སྲིད་ཚོང་གི་འཇོན་མི་དང་མཁས་པ་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཞུགས་ཡོད་ལ། རིམས་ནད་རྗེས་སུ་ཨེ་ཤ་ཡཱ་དང་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་གསར་གཏོད་གསོན་ཤུགས་དང་ཁེ་ལས་པའི་སྙིང་སྟོབས་ཡང་བསྐྱར་སྐུལ་སྤེལ་བྱས་ཏེ། དཔལ་འབྱོར་སླར་གསོའི་ཐབས་ལམ་འཚོལ་ཞིབ་བྱེད་པར་གྲོས་མོལ་བྱས།

མིའི་ཐབས་ཀྱི་རིག་ནུས་དང་ལྷད་མེད་ཚུལ་བསྒྱུར། ནམ་ཟླའི་འགྱུར་ལྡོག་སོགས་ནི་སྔར་བཞིན་སྐབས་འདིའི་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་ནས་གྲོས་བསྡུར་བྱེད་པའི་གླེང་གཞི་གཙོ་བོ་ཡིན་པ་དང་། སྐུ་མགྲོན་མང་བོས་ཀྲུང་གོའི་ནུས་ཁུངས་གསར་བའི་ཚུལ་བསྒྱུར་དང་གྲངས་ལྡན་ཅན་གྱི་ལག་རྩལ་ལ་གྲོས་བསྡུར་མང་དུ་བྱས་པར་མ་ཟད། ཀྲུང་གོའི་དུས་ཡུན་རིང་བོའི་འཕེལ་རྒྱས་འཐབ་ཇུས་དང་འགྲན་རྩོད་ཐག་གཅོད་བྱེད་པའི་ཇུས་གཞི། སྒོ་འབྱེད་སྲིད་ཇུས་སོགས་ལས་འཛམ་གླིང་ཡོངས་ཀྱི་ཁེ་ལས་ལ་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་སྒུལ་ནུས་ནི་ཚོགས་ཞུགས་སྐུ་མགྲོན་ཚས་གྲོས་བསྡུར་བྱེད་པའི་གླེང་གཞི་གཙོ་བོ་ཞིག་རེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚེ་པུའུ་ལོན་ཏི་ཡིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་འཕེལ་རིམ་ཁྲོད། ཀྲུང་གོས་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།