ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་རི་ནེ་ཝ་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཁྲིན་ཞུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ང་གསུམ་པའི་གྲོས་ཚོགས་སྟེང་རྒྱ་གར་དང་ཨུ་རུ་སི། སོ་ཏི་ཨ་རབ། ཝུ་ར་ཀུའེ་སོགས་རྒྱལ་ཁབ་དྲུག་ཅུའི་ཚབ་བྱས་ནས་བུད་མེད་ལོ་ལོན་གྱི་གནད་དོན་ཐད་ནས་ཐུན་མོང་གཏམ་བཤད་སྤེལ།
ཐུན་མོང་གཏམ་བཤད་ནང་བསྟན་དོན། པེ་ཅིན་འཛམ་གླིང་བུད་མེད་ཚོགས་ཆེན་བསྡུས་པའི་ཚུན་ལ། གོ་ལ་ཧྲིལ་བོའི་བུད་མེད་ལས་དོན་ལ་འཕེལ་རྒྱས་མངོན་གསལ་ཕྱིན། དེ་དང་མཉམ་དུ་གོ་ལ་ཧྲིལ་བོའི་མི་གྲངས་ལོ་ལོན་ཅན་དུ་འགྱུར་བ་དང་བསྟུན་ནས་བུད་མེད་ལོ་ལོན་ལ་ན་ཚོད་རྒས་པར་འཕྱ་བ་དང་དབུལ་བོ་ཡིན་པ། སྤྱི་ཚོགས་འགན་སྲུང་མི་འདང་སོགས་ཀྱི་དཀའ་ཁག་ཡོད་པས་བུད་མེད་ལོ་ལོན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུར་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་སོ་སོས་གདོང་གཏད་དགོས་པའི་གྲོས་གཞི་གལ་ཆེན་ཞིག་རེད།
ཐུན་མོང་གཏམ་བཤད་ནང་ཕྱོགས་སོ་སོས་འདི་ཉིད་གོ་སྐབས་སུ་བརྩིས་ནས་དངོས་ཡོད་བྱེད་ཐབས་སྤྱད་ནས་བུད་མེད་ལོ་ལོན་དག་འཕྲད་པའི་དཀའ་ཁག་སེལ་བ་དང་དེའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས་མི་གཅིག་ཀྱང་རུ་གྲལ་ནས་མི་འབོར་བར་བྱེད་དགོས། གཅིག་ནི་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུ། གཉིས་ནི་འགན་སྲུང་ཇེ་དྲག་ཏུ་གཏོང་རྒྱུ། གསུམ་ནི་ཟབ་ཞུགས་བྱེད་ཚད་མཐོར་འདེགས་བཏང་སྟེ་ཁོ་མོ་ཚོ་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབས་བྱེད་པ་དང་། རིམས་ནད་རྗེས་ཀྱི་སླར་གསོ་དང་འཕེལ་རྒྱས་ཀྱི་ཟབ་ཞུགས་མཁན་དང་བྱས་རྗེས་འཇོག་མཁན། ཁེ་ཕན་ཐོབ་མཁན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད།
མི་ཕམ་མགོན་པོས་བསྒྱུར།