ཨ་ཙེ་ཨོ་ཕི་ཡས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ནང་ཞུགས་རྒྱུའི་སྙན་ཞུ་ཕུལ།
2023.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཨེ་ཙེ་ཨོ་ཕི་ཡའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མེ་ལའེ་སི.ཨ་ལེ་མུའུ་ཡིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ཨེ་ཙེ་ཨོ་ཕི་ཡས་དངོས་སུ་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ནང་ཞུགས་རྒྱུའི་སྙན་ཞུ་ཕུལ་ཡོད་ཟེར།

ཨ་ལེ་མུའུ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གནས་ཚུལ་དེ་ཁྱབ་བསྒྲགས་བྱས། ཁོས་བཤད་རྒྱུར། ཨེ་ཙེ་ཨོ་ཕི་ཡས་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་རྐྱེན་སྲོལ་ནང་ཞུགས་པ་དང་། རྒྱལ་སྤྱིའི་ལས་དོན་ནང་ཞུགས་པར་འབད་པ་བྱེད་རྒྱུ་ཡིན་ཟེར།

གསེར་གྱོམ་རྒྱལ་ཁབ་ནང་ཀྲུང་གོ་དང་ཨུ་རུ་སི། རྒྱ་གར། པ་ཞི། ཨ་ཧྥེ་རི་ཁ་ལྷོ་མ་བཅས་རྒྱལ་ཁབ་ལྔ་འདུ་ལ། 2023ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཟླ་བརྒྱད་པའི་ནང་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧྭན་ནེ་སི་པོ་ནས་བསྡུ་རྒྱུ་རེད། བསྒྲགས་པའི་གནས་ཚུལ་ལྟར། ཉེ་ལམ་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ནང་ཞུགས་རྒྱུའི་སྙན་ཞུ་ཕུལ་བའི་རྒྱལ་ཁབ་ད་དུང་བྷང་ག་ལ་དང་ཨེ་ཅིབ། དབྱི་ལིང་། ཨ་ཀེན་ཐིན། སོ་ཐི་ཨ་རབ། ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ། ནེ་ཀྲི་རི་ཡ་སོགས་རྒྱལ་ཁབ་ཡོད།

རིན་ཆེན་མཚོས་བསྒྱུར།