ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་བར་འབྲེལ་བ་བཙུགས་ནས་ལོ་ཞེ་དགུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གནས་བྱ་འགུལ་སྤེལ།
2023.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡི་ཚེས་ཉེར་དགུ་ཉིན་རྒྱལ་ས་ཅཱ་ལ་ཅཱ་སི་ནས་ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་དགུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གནས་བྱ་འགུལ་སྤེལ། ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཨེར་དང་ཀྲུང་གོའི་ཝེ་ནེ་ཙུའེ་ལ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ལན་ཧུའུ་གཉིས་བྱ་འགུལ་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཝེ་ནེ་ཙུའེ་ལའི་དམངས་སྲུང་དཔོན་པོ་ལུའུ་དབྱི་སི་དང་ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་གཙོ་བོ། ཝེ་ནེ་ཙུའེ་ལ་རུ་སྡོད་པའི་ཕོ་ཉའི་ཚོགས་པ་བྱ་འགུལ་ལ་ཞུགས།

ཞི་ཨེར་གྱིས་བཤད་རྒྱུར། ལོ་ངོ་ཞེ་དགུའི་རིང་ལ། ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་སྤུན་ཟླའི་མཛའ་བརྩེ་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཝེ་ནེ་ཙུའེ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་ཐག་རིང་ན་ཡང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འབྲེལ་བ་ཧ་ཅང་བཟང་། གནས་སྐོར་ཨུ་ཡོན་ལྷན་ཁང་གི་ཕྱིར་སྡོད་རང་མི་དང་ཀྲུང་གོ་བ་དང་། ཝེ་ནེ་ཙུའེ་ལའི་ཀྲུང་གོ་མ་དངུལ་བཏང་བའི་ལས་ཁུངས་ཀྱིས་ཝེ་ནེ་ཙུའེ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས།

ལན་ཧུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་བར་འབྲེལ་བ་བཙུགས་པའི་ལོ་ངོ་ཞེ་དགུ་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་གོང་འཕེལ་དུ་སོང་ནས། འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་བརྩོན་ལེན་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་དང་མཉམ་དུ། རིགས་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རིན་ཆེན་མཚོས་བསྒྱུར།