ཟླ་བདུན་པའི་ཚེས་གཅིག་ཉིན། ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཐུན་མོང་དམངས་གཙོ་ཏང་གི་ཏང་གཙོ་ལིས་ཙེ་མེན་གྱིས་ཧྲིག་ཨར་ནས་སྤེལ་བའི་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་རྒོལ་གཏམ་གཏོང་བའི་རྒྱལ་དམངས་ཚོགས་ཆེན་སྟེང་གཏམ་བཤད་སྤེལ།
ཟླ་བདུན་པའི་ཚེས་གཅིག་ཉིན། མང་ཚོགས་ཀྱིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱེད་ཅེས་པའི་ཡིག་འབྲུ་ཅན་གྱི་འཕྲེད་བྱང་ལག་ཏུ་བཟུང་ནས་ཧན་གོའི་ཧྲིག་ཨར་དུ་འདུ་ཚོགས་ལ་ཞུགས་ཡོད།
ཟླ་བདུན་པའི་ཚེས་གཅིག་ཉིན། མང་ཚོགས་ཀྱིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱེད་ཅེས་པའི་ཡིག་འབྲུ་ཅན་གྱི་འཕྲེད་བྱང་ལག་ཏུ་བཟུང་ནས་ཧན་གོའི་ཧྲིག་ཨར་དུ་འདུ་ཚོགས་ལ་ཞུགས་ཡོད།
ཟླ་བདུན་པའི་ཚེས་གཅིག་ཉིན། མང་ཚོགས་ཀྱིས་རྒྱལ་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཅེས་པའི་ཡིག་འབྲུ་ཅན་གྱི་འཕྲེད་བྱང་ལག་ཏུ་བཟུང་ནས་ཧན་གོའི་ཧྲིག་ཨར་དུ་འདུ་ཚོགས་ལ་ཞུགས་ཡོད།
ཟླ་བདུན་པའི་ཚེས་གཅིག་ཉིན། མང་ཚོགས་ཀྱིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱེད་ཅེས་པའི་ཡིག་འབྲུ་ཅན་གྱི་འཕྲེད་བྱང་ལག་ཏུ་བཟུང་ནས་ཧན་གོའི་ཧྲིག་ཨར་དུ་འདུ་ཚོགས་ལ་ཞུགས་ཡོད།
ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཐུན་མོང་དམངས་གཙོ་ཏང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཧྲིག་ཨར་གྲོང་ཁྱེར་ལྟེ་གནས་སུ་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་རྒོལ་གཏམ་གཏོང་བའི་རྒྱལ་དམངས་ཚོགས་ཆེན་སྤེལ་ནས། འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་རྩིས་ཡོད་པར་རྒོལ་གཏམ་བཏང་བ་དང་། ཧན་གོའི་སྲིད་གཞུང་གིས་འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་གནད་དོན་ཐད་ནས་མངོན་གསལ་གྱིས་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བཏང་།
ཐུན་མོང་དམངས་གཙོ་ཏང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཉིན་དེར་མི་འབུམ་ཕྲག་ཙམ་ཚོགས་ཆེན་ལ་ཞུགས། ཏང་གཙོ་ལིས་ཙེ་མེན་གྱིས་གཏམ་བཤད་སྤེལ་ནས། གལ་ཏེ་འཇར་པན་གྱིས་བཙོག་ཆུ་རྒྱ་མཚོར་བཏང་ན། ཧན་གོའི་སྲིད་གཞུང་གིས་མངོན་སུམ་འཛེམ་མེད་ཀྱིས་དེར་ངོ་རྒོལ་བྱེད་དགོས་ཟེར།
ཐུན་མོང་དམངས་གཙོ་ཏང་གི་འཐུས་མི་ཕེའོ་ཀོང་ཝུན་གྱིས་འདུ་ཚོགས་སྤེལ་སའི་ཡུལ་དངོས་ནས་ཧན་གོའི་རྒྱལ་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། མཉམ་དུ་འཇར་པན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞིར་ངོ་རྒོལ་བྱེད་དགོས་པ་དང་། ལག་རྡང་སྦྲེལ་ནས་རྒྱལ་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།