སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་ཞོགས་པར་སི་རི་ཡཱའི་དབུསཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཞོགས་པར་དབྱི་སི་རལ་དམག་དཔུང་གིས་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧའོ་མུའུ་སིའི་ཉེ་འཁོར་གྱི་ས་གནས་སྐོར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། སི་རི་ཡཱའི་མངའ་སྲུང་མ་ལག་གིས་འཕུར་མདའ་བཀག་འགོག་བྱས་ཡོད་ལ། འཇབ་རྒོལ་དེ་ལས་སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས་ཡོད་ཟེར།
གསལ་སྒྲོག་ལས་འཇབ་རྒོལ་ཐེབས་སའི་བྱེ་བྲག་གི་ས་གནས་གསལ་བོར་བཤད་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།