ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཐང་ཀ་རུ་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་།
2023.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཐང་ཀའི་ཉེ་འདབས་མཚོ་ཁོངས་སུ་ཚེས་གཉིས་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ཚེས་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཉེར་བདུན་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་ནི་ཐང་ཀའི་ནེ་ཡཱ་ཧྥུའུ་གྲོང་རྡལ་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་སོ་བཞིའི་མཚམས་ཀྱི་ཉེ་འདབས་མཚོ་ཁོངས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་ང་ལྔ་ཡོད་པ་རེད།

གནས་དེར་ཡུལ་སྐོར་བྱེད་བཞིན་པའི་ཀྲུང་གོའི་གནས་སྐོར་བས་གསར་འགོད་པར་བཤད་རྒྱུར། ས་ཡོམ་བྱུང་སྐབས་ཐང་ཀའི་རྒྱལ་ས་ནོའུ་ཁུའུ་ཨ་ལོ་ཧྥ་རུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་ཡོད་ཟེར།

ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱ་མཚོ་འཕྱུར་བའི་ཉེན་བརྡའི་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད།

ཐང་ཀ་ནི་ཞི་བདེ་རྒྱ་མཚོས་བསྐོར་བའི་མེ་རིའི་ས་ཁུལ་དུ་གནས་པས། ས་ཤུན་ཕན་ཚུན་ཐོ་བརྒྱབ་པའི་དབང་གིས་ས་ཡོམ་མང་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།