ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་དོན་གཅོད་ཁང་དུ་རྒྱུན་པར་སྡོད་པའི་ཨུ་རུ་སིའི་འཐུས་མི་ཅཱ་ཅི་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་རྩིས་སྤྲོད་ཚད་བཀག་སོགས་གནད་དོན་ཐག་གཅོད་བྱེད་པར་གྲུབ་འབྲས་གང་ཡང་མེད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་ཆ་རྐྱེན་འདང་མེད་པར་འདོད། གྲོས་མཐུན་དེ་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ལག་བསྟར་ཡུན་ཚད་ལོངས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།