རྒྱལ་སྤྱིའི་ནུས་ཁུངས་ལས་དོན་ཁང་གི་མགོ་བས་ད་ལོའི་དགུན་ཁར་ནུས་ཁུངས་རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་འགྲོ་སྲིད་པའི་ཚུལ་བསྟན།
2023.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱལ་སྤྱིའི་ནུས་ཁུངས་ལས་དོན་ཁང་གི་མགོ་བ་པུས་ལོ་ཨར་གྱིས་ཉེ་སྔོན་བསྟན་དོན། ཚོད་དཔག་བྱས་ན་ད་ལོའི་དགུན་བར་རྒྱལ་སྤྱིའི་ནུས་ཁུངས་རིན་གོང་མངོན་གསལ་གྱིས་ཇེ་མཐོར་འགྲོ་རྒྱུ་རེད་ཟེར། ཁོས་བཤད་རྒྱུར། ནུས་ཁུངས་ཀྱི་དགོས་མཁོ་ཇེ་མང་དུ་སོང་བ་དང་། འབྱུང་སྲིད་པའི་དྲོད་ཚད་དམའ་བའི་ནམ་ཟླ་དང་བསྟུན་ནས། ད་ལོའི་དགུན་ཁར་རང་བྱུང་སོལ་རླངས་ཀྱི་རིན་གོང་ཡང་བསྐྱར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་དང་། རིན་གོང་ཇེ་མཐོར་སོང་བའི་གནོན་ཤུགས་དེ་མཇུག་མཐར་འཛད་སྤྱོད་པས་ཁུར་དུ་ལེན་དགོས་ཟེར། པུས་ལོ་ཨར་གྱིས་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་ཁེ་ལས་དག་གིས་རང་བྱུང་སོལ་རླངས་ཀྱི་བཀོལ་ཚད་ཇེ་ཉུང་དུ་བཏང་སྟེ། དག་གཙང་ནུས་ཁུངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།