ཕཱ་ལེ་སི་ཐན་གྱི་བདེ་འཇགས་མི་སྣས་ཚེས་བཞི་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ཉིན་དེའི་དགོང་མོར་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཅེ་ཉིང་ས་ཁུལ་ནས་ཕྱིར་འཐེན་བྱས་ཏེ། དུས་ཡུན་ཉིན་གཉིས་ཀྱི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་བ་རེད།
ཕཱ་ལེ་སི་ཐན་གྱི་བདེ་འཇགས་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་དམག་མི་ཕྱིར་འཐེན་བྱེད་སྐབས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་དྲག་པོ་བྱུང་། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་དེའི་རྗེས་སུ་དབྱི་སི་རལ་གྱི་དམག་མི་ཅེ་ཉིང་འཁྲུག་རྩོད་ས་ཁུལ་ནས་ཕྱིར་འཐེན་བྱས་པ་ཁས་ལེན་བྱས།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གསུམ་ཉིན་གྱི་ཞོགས་པ་ནས་བཟུང་ཅེ་ཉིང་ས་ཁུལ་དུ་གཞི་རྒྱ་ཆེ་བའི་འཇབ་རྒོལ་འགུལ་སྐྱོད་སྤེལ་མགོ་བརྩམས། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡི་གཞི་གྲངས་གསར་བ་ལྟར་ན། འཁྲུག་རྩོད་ལས་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ལ་རྨས་ཕོག ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་རིམ་པའི་བྲེལ་མྱུར་གྲོས་ཚོགས་བསྡུས་རྗེས་དབྱི་སི་རལ་བར་གྱི་འབྲེལ་འདྲིས་དང་གྲོས་མོལ་ཡོད་ཚད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། མུ་མཐུད་དུ་དབྱི་སི་རལ་བར་བདེ་འཇགས་མཐུན་སྦྱོར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།