ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་དག་གིས་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀིའི་འགན་ཡུན་ཉིས་སྟོང་ཉེར་བཞི་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་བར་ཡང་བསྐྱར་ལོ་གཅིག་གིས་ཇེ་རིང་དུ་གཏོང་བར་འཐད་པ་བྱུང་ཡོད་ཟེར།
སི་ཐའོ་ཨར་ཐིན་པེ་ཀི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རང་ཉིད་ཀྱི་འགན་ཡུན་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པར་དགའ་མགུ་ཡི་རང་བྱེད་ཀྱིན་ཡོད་ཟེར།
ཉེ་བའི་དུས་སྐབས་ཤིག་གི་ནང་། བྱང་ཆིངས་རྩ་འཛུགས་ནང་ཁུལ་དུ་དྲུང་ཡིག་ཆེན་མོའི་འདེམ་སྒུག་མི་སྣའི་ཐད་བགྲོ་གླེང་གང་མང་བྱས་ཀྱང་། འདེམ་སྒུག་མི་སྣ་གང་རུང་ལ་ཁོངས་གཏོགས་རྒྱལ་ཁབ་ཚང་མ་གཅིག་གྱུར་ཡིད་འཐད་འབྱུང་ཐབས་མེད།
སི་ཐའོ་ཨར་ཐིན་པེ་ཀི་ཡིས་སྔོན་ཆད་ནོར་ཝེའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བ་དང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་བ་ནས་བཟུང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བ་ཡིན་ལ། ཁོའི་འགན་ཡུན་སྔོན་ཆད་ཐེངས་གསུམ་ལ་ཇེ་རིང་དུ་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།