ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཁག་ཐུན་མོང་དམངས་གཙོ་ཏང་གིས་ཚེས་བདུན་ཉིན་ཧན་གོའི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་མདུན་ནས་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་བཙན་ཤེད་ཀྱིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་བྱ་བར་སྐུལ་འདེད་བཏང་བར་ངོ་རྒོལ་བྱས་པ་དང་། ཧན་གོའི་སྲིད་གཞུང་གིས་དེར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་གསལ་བོར་སྟོན་དགོས་པའི་སྐུལ་མ་བཏང་།
ཚེས་དྲུག་ཉིན་གྱི་དགོང་མོར། ཧན་གོའི་ཐུན་མོང་དམངས་གཙོ་ཏང་གི་གྲོས་མི་བརྒྱ་ཕྲག་ལྷག་གིས་ད་རུང་འཇར་པན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱེད་པའི་འཇགས་སྡོད་རྔམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།