བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་ཝུའུ་ཁི་ལན་གྱི་དུས་ཡུན་རིང་བོའི་རོགས་སྐྱོར་འཆར་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།
2023.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་མཐོ་རིམ་གྲོས་ཚོགས་སྟེང་ཝུའུ་ཁི་ལན་ལ་དུས་ཡུན་རིང་བོའི་རོགས་སྐྱོར་བྱེད་པའི་འཆར་གཞིར་གྲོས་བསྡུར་ཐག་ཅགོད་བྱེད་རྒྱུ་ཡིན་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་མཐོ་རིམ་གྲོས་ཚོགས་སྟེང་ཝུའུ་ཁི་ལན་གྱི་ལོ་མང་བོའི་རོགས་སྐྱོར་འཆར་གཞི་ཅིག་ལ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་ཏེ། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་བར་གྱི་གཞོགས་འདེསག་རང་བཞིན་ལ་འགན་སྲུང་བྱེད་རྒྱུའི་འཆར་གཞི་ཡོད་ཟེར། མཐོ་རིམ་གྲོས་ཚོགས་ནས་ད་རུང་ས་ཁོངས་ཀྱི་ཟིལ་ཤུགས་དང་འགོག་སྲུང་འཆར་གཞི་གསར་བ་སོགས་གཏན་འབེབས་བྱེད་རྒྱུ་ཡིན་ལ། བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་ནས་འཚོག་རྒྱུ་རེད།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་གླིང་གྲོས་ཁང་གིས་ཚེས་བདུན་ཉིན་མདེལ་རྫས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ཐད་ནས་གནས་སྐབས་ཀྱི་གྲོས་མཐུན་ཞིག་བཀོད་དེ། ཡོ་རོབ་གླིང་གི་མདེལ་རྫས་ཐོན་ཚད་དུས་ཡུན་རིང་བོར་འཕར་སྣོན་བྱེད་པར་འགན་སྲུང་བྱས་པར་མ་ཟད། ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མདེལ་རྫས་མཁོ་འདོན་ལ་རྒྱབ་སྐྱོར་བྱས། ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། གནས་སྐབས་གྲོས་མཐུན་དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་རྩིས་ཁྲོད་ནས་ཡོ་སྒོར་དུང་ཕྱུར་ལྔ་འཕྲལ་མར་བླངས་ནས་ཡོ་རོབ་གླིང་གི་མདེལ་རྫས་དང་འཕུར་མདའི་ཐོན་སྐྱེད་ནུས་པར་རྒྱབ་སྐྱོར་བྱེད་པར་ཡིད་འཐད་བྱུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།