ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཁཱ་ནཱ་ཏཱའི་མངའ་ཁོངས་སུ་གནས་དྲུག་བརྒྱ་དང་དོན་གསུམ་གྱི་ནགས་ཚལ་ལ་མེ་སྐྱོན་འབྱུང་བཞིན་ཡོད་པ་དང་། ཕྱེད་ཀའི་ཡན་ལ་ཚོད་འཛིན་བྱེད་དཀའ་བར་གྱུར་ཡོད་ལ། ནགས་ཚལ་མེ་སྐྱོན་བྱུང་བའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་དགུར་བསླེབས་ཡོད་ཟེར།
ཁཱ་ནཱ་ཏཱའི་མངའ་ཁོངས་ཀྱི་ནགས་ཚལ་མེ་སྐྱོན་དེ་བྱུང་ནས་ཟླ་ངོ་གཉིས་ཙམ་འགོར་ཡོད། ཁཱ་ནཱ་ཏཱའི་ནགས་ལས་ཅུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། ཁཱ་ནཱ་ཏཱའི་ས་ཁུལ་སོ་སོའི་དྲོད་ཚད་དང་ཐན་སྐམ་གྱི་ཁོར་ཡུག་ལ་གཞིགས་ན། ཟླ་བདུན་པ་དང་ཟླ་བརྒྱད་པའི་མེ་སྐྱོན་གནས་ཚུལ་སྔར་བཞིན་རྒྱུན་ལྡན་གྱི་ཆུ་ཚད་ལས་མཐོ་བར་མངོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།