རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲོ་ལི་ཅི་ཡིས་གདན་དྲངས་པ་ལྟར། ཨུ་རི་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མ་ཐི་ཝེ་ཡན་ཁི་ཡིས་ཟླ་བདུན་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་ཡིན་ལ། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཨུ་རི་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།