རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་ཉོ་ཚོང་གི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ཧི་ལི་ཧྥིན་གྱིས་ཚེས་བརྒྱད་ཉིན། པེ་ཅིང་དུ་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཡེ་ལོན་ལ་ཐུག་འཕྲད་བྱས།
ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་བར་པ་ལིས་གླིང་ཕྲན་དུ་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལ་དམིགས་ཏེ། རྒྱལ་ཁབ་གཉིས་དང་འཛམ་གླིང་དཔལ་འབྱོར་དངུལ་རྩའི་གནས་བབ། གོ་ལ་ཧྲིལ་བོའི་ཐུན་མོང་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་སོགས་ཀྱི་ཕྱོགས་ནས་གཏིང་ཟབ་ཅིང་རྣམ་དག་ཡིན་ལ། དོན་དངོས་ཀྱི་བརྗེ་རེས་བྱས་པས། གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་གྱི་དོན་སྙིང་ལྡན་པར་བྱས།
ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཕྱོགས་ཀྱི་ཀྲུང་གོར་བཀག་རྐྱེན་བཟོ་བའི་བྱེད་ཐབས་ལ་དོ་སྣང་བྱེད་པའི་ཚུལ་བསྟན་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་གོ་ལ་ཧྲིལ་བོའི་འགྲན་སློང་རང་བཞིན་ལ་ཁ་གཏད་འཇལ་བའི་ཐད་ནས་མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱུར་འཐད་པ་ཡིན་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བརྗེ་རེས་སྲུང་འཛིན་བྱེད་རྒྱུར་འཐད་པ་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།