ཐུར་ཁེའི་སྨྱན་བྱད་ཀྱིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཅིག་གི་ཁྲོད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བའི་ཕྱི་རྒྱལ་གྱི་དོགས་ཡོད་ཉེས་ཅན་ཉེར་གཉིས་འཛིན་བཟུང་བྱས།
བསྒྲགས་པ་ལྟར་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་དོགས་ཡོད་མི་སྣ་ཉེར་བདུན་འཛིན་བཟུང་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་བལྟས་ན་མི་དེ་དག་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་ལ། འདས་པའི་ལོ་འགའི་ནང་འཇིགས་སྐུལ་རྩ་འཛུགས་དེར་རོགས་བྱས་ནས་བྱ་འགུལ་སྤེལ་བ་རེད། མི་ཉེར་གཉིས་འཛིན་བཟུང་བྱས་པ་ལས་གཞན། ཉེན་རྟོག་ཕྱོགས་ཀྱིས་དེའི་འཕྲོའི་དོགས་ཡོད་ཉེས་ཅནའཛིན་བཟུང་བྱེད་པར་བརྩོན་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།