བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བཅུ་གཉིས་ཉིན་དགོང་མོར་ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་ནས་བསྟན་དོན། ཐུར་ཁེའི་སྲིད་གཞུང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གྲོས་ཆོད་ཡི་གེ་གྲོས་ཁང་ལ་སྤྲད་ནས་ཆོག་མཆན་འགོད་དུ་འཇུག་རྒྱུར་ཡིད་འཐད་བྱུང་ཡོད་ཟེར།
ཉིན་དེའི་ཞོགས་པར། སི་ཐའོ་ཨར་ཐིན་པེ་ཀི་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་བཅས་ཀྱིས་ཕྱོགས་གསུམ་གྲོས་མོལ་སྤེལ། ཕྱོགས་གསུམ་གྱིས་གྲོས་མོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། སུའེ་ཏེན་དང་ཐུར་ཁེ་ཡིས་མུ་མཐུལད་དུ་ཕྱོགས་གསུམ་གྱི་རྒྱུན་སྡོད་མཉམ་འབྲེལ་རྐྱེན་སྲོལ་དང་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་གསར་བའི་འོག་མཉམ་ལས་བྱེད་པར་ཡིད་འཐད་བྱུང་། སུའེ་ཏེན་གྱིས་མུ་མཐུད་དུ་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ལམ་ཐིག་ཇུས་གཞི་འདོན་རྒྱུ་མ་ཟད། བྱང་ཆིངས་རྩ་འཛུགས་སུ་ཞུགས་རྗེས་མུ་མཐུད་དུ་ཐུར་ཁེའི་བར་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་སྤེལ་རྒྱུ་རེད།
སི་ཐའོ་ཨར་ཐིན་པེ་ཀི་ཡིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨེ་ཨར་ཏའོ་ཨན་གྱིས་མྱུར་མོར་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེ་དེ་ཐུར་ཁེའི་གྲོས་ཁང་ལ་སྤྲོད་པར་ཡིད་འཐད་བྱུང་བར་མ་ཟད། ཐུར་ཁེའི་གྲོས་ཁང་བར་མཉམ་ལས་ཟབ་མོ་བྱས་ཏེ་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེར་ཆོག་མཆན་ཐོབ་པར་འགན་སྲུང་བྱེད་རྒྱུ་རེད་ཟེར།
བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཝེ་ཨར་ཉིག་སི་ནས་འཚོག་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།