ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་བཅུ་ཉིན་སྤེལ་བའི་སྙན་ཞུ་ལས་བཤད་རྒྱུར། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་གྱི་ཚུན་ལ། ཆར་བ་དྲག་པོ་བབས་པ་ལས་བྱུང་བའི་ཆུ་ལོག་གིས་ཕཱ་ཁི་སི་ཐན་རྒྱལ་ཁབ་ཏུ་ཉུང་མཐར་ཡང་མི་གྱ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ང་གཅིག་ལ་རྨས་ཕོག་ཡོད་ཟེར།
སྙན་ཞུ་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་ལ། དྲག་ཆར་ལས་བྱུང་བའི་ཆུ་ལོག་གི་གནོད་འཚེལས་ཞིང་ཆེན་དེར་ཉུང་མཐར་ཡང་མི་ང་གཉིས་རྐྱེན་ལམ་དུ་ཤོར། དེ་ལས་གཞན་རྒྱལ་ཡོངས་ནས་ཉུང་མཐར་ཡང་གནས་གོ་བདུན་གྱི་ཁང་བར་ཆུ་ལོག་གི་གཏོར་བརླག་ཐེབས་པ་དང་། སྒོ་ཕྱུགས་ཞེ་དྲུག་གི་གྱོང་གུད་བཟོས་ཡོད་ཟེར།
མིག་སྔར་ཕཱ་ཁི་སི་ཐན་སྲིད་གཞུང་དང་ཁེ་སྤོགས་མ་ཡིན་པའི་རྩ་འཛུགས། དང་བླངས་པ་བཅས་ཀྱིས་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།