མཱ་ཏཱ་ཀ་སི་ཁཱའི་ཙུང་ལིའི་བཞུགས་ཤག་གིས་ཚེས་བཅུ་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ལྟར། མཱ་ཏཱ་ཀ་སི་ཁཱ་ཡིས་ད་ལོའི་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། དགོས་མཁོ་ཡོད་ན། སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་སྤེལ་རྒྱུ་ཡིན་ཟེར། མཱ་ཏཱ་ཀ་སི་ཁཱའི་ཙུང་ལི་ཨིན་ཚེ་ཡིས་སྤྱི་སྒྲོག་ལས་ཕྱོགས་སོ་སོས་འདེམ་བསྐོའི་འཕེལ་རིམ་ཁྲོད་བློ་བདེ་བག་ཕེབས་དང་ཕན་ཚུན་བརྩི་འཇོག་བྱེད་པ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།
མཱ་ཏཱ་ཀ་སི་ཁཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ལྔ་བཅུ་བརྒལ་བའི་འདེམ་ཤོག་ཐོབ་མཁན་གྱི་འདེམ་སྒུག་པ་ཐད་ཀར་དུ་བདམས་པ་རེད། གལ་ཏེ་བརྒྱ་ཆའི་ལྔ་བཅུ་བརྒལ་བའི་འདེམ་ཤོག་ཐོབ་མཁན་མེད་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད།
མཱ་ཏཱ་ཀ་སི་ཁཱའི་ཙུང་ཐུང་ལཱ་ཆའོ་ལེ་ནཱ་ཡི་འགན་ཡུན་ནི་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོར་ལོངས་པ་ཡིན་ལ། མིག་སྔར་སྔོན་ཆད་ཀྱི་ཙུང་ཐུང་ལཱ་ཝ་ལུའུ་མཱ་ནཱ་ཡིས་སྐབས་གསར་བའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།