ཝུའུ་ཙི་པེ་ཁི་སི་ཐན་གྱི་གསར་དུ་བདམས་པའི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཚེས་བཅུ་བཞི་ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་གྲོས་ཁང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་བསྟན་དོན། ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས་བཅས་ཁྱབ་ཁོངས་སུ་བཅོས་བསྒྱུར་ཆེན་པོ་བྱེད་རྒྱུ་ཡིན་ལ། དུས་རབས་གསར་བར་བསམ་བློ་གསར་བ་དང་གྲོས་གཞི་གསར་བ། གྲུབ་འབྲས་གསར་བ་བཅས་མཁོ་ཟེར།
ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཟླ་འདིའི་ཚེས་དགུ་ཉིན་སྔ་སྣུར་གྱིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ། ཝུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཅིག་ཉིན་ཁྱབ་བསྒྲགས་བྱས་པའི་མཇུག་འབྲས་ལྟར་ན། ད་ལྟའི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ལ་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་ཐིག་ལྔའི་འདེམ་ཤོག་ཐོབ་ཚད་ཀྱིས་རྒྱལ་ཁ་ཐོབ་པ་རེད།
མུས་ཨར་ཅི་ཡའོ་ཡེ་ཧྥུའུ་སོ་སོར་ཉིས་སྟོང་བཅུ་དྲུག་ལོ་དང་ཉིས་སྟོང་ཉེར་གཅིག་ལོར་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དུ་བདམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།