ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཧན་གོའི་ས་ཁུལ་མང་བོར་དྲག་ཆར་བབས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་སོ་བདུན་ལ་འཕར་ཡོད་པ་དང་། གཞན་ཡང་མི་དགུ་གར་སོང་རྙེད་མེད། ཆིན་ཧྲང་བྱང་ལམ་དང་ཀྲུང་ཆིན་བྱང་ལམ་སོགས་ས་ཁུལ་དུ་གནོད་འཚེ་ཐེབས་པ་ཚབས་ཆེན་ཡིན་ལ། ཁང་བ་རྡིབས་པ་དང་ལོ་ཏོག་ཆུས་བསྣུབས་ཡོད། ཀྲུང་ཆིན་བྱང་ལམ་གྱི་ཆིན་ཀྲིག་གི་ས་འོག་རླངས་འཁོར་རྒྱུ་ལམ་ཆུས་བསྣུབས་ཏེ། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དང་བཅས་པའི་རླངས་འཁོར་བཅུ་ལྷག་ཁགས་ཡོད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། མིག་སྔར་ཧན་གོའི་མི་སྟོང་ཕྲག་འགའ་བྲེལ་མྱུར་ངང་བདེ་འཇགས་ས་ཁུལ་དུ་བསྐྱལ་བ་དང་། རྒྱལ་ཡོངས་ཀྱི་མེ་འཁོར་ཚང་མ་གཏོང་མཚམས་བཞག་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།