ཚེས་བཅོ་ལྔ་ཉིན། ཨ་མེ་རི་ཁའི་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོའི་དྲོད་ཚད་བསྟུད་མར་ཇེ་མཐོར་སོང་། ཡཱ་ལེ་སིང་ནཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥེ་ནེ་ཁི་སིའི་ཉིན་དེའི་ཆེས་མཐོའི་དྲོད་ཚད་དྲོད་གྲངས་ཞེ་བདུན་དང་གྲངས་ཆུང་བདུན་ལ་བསླེབས་ནས། ས་དེའི་ཟིན་ཐོ་གསར་བ་བསྐྲུན་ཡོད། ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེའི་མྱ་ངན་གྲོག་རོང་གི་ཚེས་བཅོ་ལྔའི་དྲོད་ཚད་དྲོད་གྲངས་ལྔ་བཅུར་བསླེབས་ཡོད། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས་བཅོ་ལྔ་ཉིན་ཨ་མེ་རི་ཁར་མི་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གསུམ་ལྷག་ལ་དྲོད་ཚད་མཐོ་བའི་ཉེན་བརྡ་འབྱོར་ཡོད།
ཡོ་རོབ་གླིང་ནས། ཞི་ལཱ་དང་དབྱི་ཐཱ་ལེ་སོགས་རྒྱལ་ཁབ་ཏུའང་དྲོད་ཚད་ཇེ་མཐོར་སོང་ནས། མིང་གྲགས་ཅན་གྱི་མཛེས་ལྗོངས་མང་བོའི་སྒོ་བརྒྱབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།