ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་གྲོང་ཁྱེར་གྱི་ཐོག་བརྩེགས་ལྔ་ཅན་གྱི་སྡོད་དམངས་ཐོག་ཁང་ཞིག་ཚེས་བཅུ་བདུན་ཉིན་རྡིབས་པ་དང་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བར་མ་ཟད། མི་གཅིག་ལ་རྨས་ཕོག་ཡོད་ཟེར།
ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་ཚགས་པར་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྡིབས་སྐྱོན་ཤོར་བའི་ཁང་པ་ཁེ་རོ་གྲོང་ཁུལ་བྱང་ངོས་སུ་གནས་པ་དང་། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། དེའི་ཞོར་དུ་ཉེ་འཁོར་གྱི་ཁང་པ་གཉིས་ནང་གི་མི་རྣམས་ཀྱང་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་པ་རེད།
ཨེ་ཅིབ་ཏུ་ཁང་པ་རྡིབས་པའི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། འདི་ཟླའི་ཚེས་བཅུ་དྲུག་ཉིན་ཨེ་ཅིབ་བྱང་རྒྱུད་ཀྱི་ཡཱ་ལི་ཧྲན་ཏཱ་ཞིང་ཆེན་དང་པུའུ་ཧེ་ལཱ་ཞིང་ཆེན་དུ་ཁང་པ་རྡིབས་པའི་དོན་རྐྱེ་ཞིག་བྱུང་སྟེ། བསྡོམས་པས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཅིག་ལ་རྨས་ཕོག་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།