འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་ཀྱི་བྱིས་པའི་འགོག་སྨན་བརྒྱབ་པའི་མི་གྲངས་སྔོན་ལོ་ལས་ཇེ་མང་དུ་སོང་ཡོད་ཀྱང་། ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་བྱིས་པར་འགོག་སྨན་བརྒྱག་པའི་མྱུར་ཚད་བསྟུད་མར་ཇེ་དམའ་རུ་སོང་ཡོད་ལ། ཁྱད་པར་དུ་མཛེ་ནད་ཀྱི་འགོག་སྨན་བརྒྱག་པའི་ཚད་ཇེ་དམའ་རུ་སོང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།