ཐུར་ཁེ་དང་སོ་ཏི་ཨ་རབ་ཀྱིས་ཚེས་བཅུ་བདུན་ཉིན་སོ་ཏི་ཨ་རབ་ནས་མཉམ་ལས་བཟོད་སྒོམ་བརྗེད་ཐོ་རབ་དང་རིམ་པ་བཀོད་དེ། སོ་ཏི་ཨ་རབ་ནས་ཐུར་ཁེའི་མི་བསྡད་མེད་པའི་གནམ་གྲུ་དང་དེའི་ཆ་ཚང་སྒྲིག་ཆས་ཐོན་སྐྱེད་བྱེད་པའི་ཐད་ནས་མཉམ་ལས་བྱེད་རྒྱུ་ཡིན་ཟེར།
ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་ཏེ། སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་གཉིས་དང་གྲོས་མོལ་བྱས། སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་མཚམས་འདྲི་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བཟོད་སྒོམ་བརྗེད་ཐོ་སྣ་དགུ་བཀོད་ཡོད་ལ། དེའི་ནང་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲུང་དང་ནུས་ཁུངས། དངུལ་གཏོང་། གསར་འགྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་འདུས་ཡོད།
ཨེ་ཨར་ཏའོ་ཨན་ནི་ཚེས་བཅུ་བདུན་ཉིན་སོ་ཏི་ཨ་རབ་ནུབ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཅི་ཏཱ་རུ་འབྱོར་ནས། སོ་ཏི་ཨ་རབ་ལ་དངོས་གཞིའི་འཚམས་འདྲི་བྱས་པ་དང་། ཁོས་དེའི་རྗེས་སུ་ད་རུང་ཁཱ་ཐར་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་རྒྱུ་རེད།
ཐུར་ཁེ་དང་བྲལ་ནས་སོ་ཏི་ཨ་རབ་ཏུ་མ་སོང་གོང་། ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། འདས་པའི་ལོ་ངོ་ཉི་ཤུའི་རིང་ལ་ཐུར་ཁེ་དང་མཚོ་ཁུགས་རྒྱལ་ཁབ་ཀྱི་ཉོ་ཚོང་འབོར་གྲངས་དེ་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་ནས་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་ལ་འཕར་སྣོན་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།