ཁོ་ལོམ་པུ་ཡཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། མི་དྲུག་དྲུད་ཡོད་པའི་གནམ་གྲུ་ཆུང་བ་ཞིག་ཁོ་ལོམ་པུ་ཡཱའི་དབུས་ཕྱོགས་ཀྱི་པའོ་ཡཱ་ཁཱ་ཞིང་ཆེན་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར།
གསལ་སྒྲོག་ལས་བཤད་རྒྱུར། སར་ལྷུང་བའི་གནམ་གྲུ་དེ་ནི་སེ་སི་ནཱ་རྟགས་ཅན་གྱི་གནམ་གྲུ་ཆུང་བ་ཞིག་ཡིན་པ་དང་། གནམ་གྲུ་དེ་ས་དེའི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་བཞི་བཅུའི་སྟེང་མཱེ་ཐཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པུས་ཡཱ་ཝེ་སུན་ཞི་ཨོ་ནས་འཕུར་ཏེ། རྒྱལ་ས་པའོ་ཀི་ཏཱའི་བྱང་ངོས་ཀྱི་བཀྲ་དབྱེ་མཱ་ལཱ་ཨར་གནམ་གྲུ་ཐང་དུ་འཕུར་རྩིས་ཡིན་ལ། འཕུར་ནས་སྐར་མ་ཉི་ཤུ་ཙམ་འགོར་རྗེས་འབྲེལ་ཐག་ཆད་པ་ཡིན་ལ། འདས་པོ་ལ་གནམ་གྲུ་ཁ་ལོ་བ་གཅིག་དང་འགྲུལ་བ་ལྔ་ཡོད་པ་དང་། འགྲུལ་བ་ཚང་མ་ནི་དམངས་གཙོ་དཀྱིལ་སྙིང་ཏང་གི་ཁོངས་མི་ཡིན་པ་རེད།
དོན་རྐྱེན་དེའི་འབྱུང་རྐྱེན་མིག་སྔར་ད་རུང་ཁྱབ་བསྒྲགས་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།