ཁོ་ལོམ་པུ་ཡཱའི་དབུས་ཕྱོགས་ས་ཁུལ་དུ་འདམ་གསེག་ཆུ་རུད་ཀྱི་གནོད་འཚེ་ཐེབས་ཏེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
2023.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཁོ་ལོམ་པུ་ཡཱའི་དབུས་ཕྱོགས་ཀྱི་ཁོན་ཏིས་ནཱ་མཱ་ཁཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཅཱ་ཞི་ཡཱ་ཡིས་ཚེས་བཅོ་བརྒྱད་ཉིན་སྨྱན་བྱད་བརྒྱུད་དེ་བདེན་དཔང་བྱས་དོན། ཞིང་ཆེན་དེའི་ཁི་ཐཱ་མཱེ་གྲོང་ཁྱེར་གྱི་སྡེ་བ་ཞིག་ལ་ཉིན་དེར་ཆུ་ལོག་ལས་བྱུང་བའི་འདམ་གསེག་ཆུ་རུད་ཀྱི་གནོད་འཚེ་ཐེབས་ཏེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལ་རྨས་ཕོག་ཡོད་ལ། མི་བཅོ་ལྔ་གར་སོང་རྙེད་མེད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དམག་མི་དང་མེ་གསོད་མི་སྣ་འདུས་པའི་མི་བརྒྱ་དང་ལྔ་བཅུ་ཙམ་རྒུད་སྐྱོབ་ལ་ཞུགས་ཡོད། བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་པ་ལས་བྱུང་བའི་ཆུ་ལོག་གིས་ད་རུང་ཟམ་པ་གཉིས་ཁུར་བ་དང་། གནས་སྐོར་བ་སྟོང་དྲུག་ཙམ་ལ་གནོད་པ་ཐེབས་ཡོད་ཟེར།

ཁོ་ལོམ་པུ་ཡཱའི་རྒྱལ་ཁབ་གནོད་འཚེ་ཉེན་ཁའི་དོ་དམ་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ལོ་རེའི་ཆར་ལྡན་དུས་ཚིགས་སུ། ཆུ་ལོག་དང་འདམ་གསེག་ཆུ་རུད་སོགས་ཀྱི་གནོད་འཚེ་ལས་རྒྱལ་ཁབ་དེར་མི་བརྒྱ་ཕྲག་འགར་ཤི་རྨས་བཟོ་བཞིན་ཡོད་ལ། སྡོད་དམངས་མང་བོ་ས་གཞན་དུ་མི་འགྲོ་ཐབས་མེད་བྱུང་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།