ཨ་མེ་རི་ཁའི་ས་ཁུལ་མང་བོར་དྲོད་ཚད་མཐོ་བ་དང་རླུང་འཚུབ་སོགས་ཐལ་དྲགས་པའི་ནམ་ཟླ་བྱུང་།
2023.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨ་མེ་རི་ཁའི་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས་ཉི་ཤུ་ཉིན་ཨ་མེ་རི་ཁའི་མི་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ལྷག་ལ་དྲོད་ཚད་མཐོ་བའི་ཉེན་བརྡ་བཏང་ཡོད་ལ། ཡཱ་ལེ་སིང་ནཱ་མངའ་སྡེའི་ཧྥེ་ནེ་ཁི་སིའི་ཚེས་ཉི་ཤུ་ཉིན་གྱི་དྲོད་ཚད་དྲོད་གྲངས་ཞེ་དྲུག་ལས་བརྒལ་ཡོད་པ་དང་། ཆེས་མཐོ་བའི་དྲོད་ཚད་བསྟུད་མར་ཉིན་ཉེར་གཅིག་རིང་དྲོད་གྲངས་ཞེ་གསུམ་ལས་བརྒལ་ཡོད་པ་རེད། ནེ་ཧྭ་ཏཱ་མངའ་སྡེའི་ལཱ་སི་ཝེ་ཅཱ་སི་གནམ་གྲུ་ཐང་དུ། ཨ་མེ་རི་ཁའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་སྟེང་དུ་འགྲུལ་བ་དག་གིས་དྲོད་ཚད་སྙོམས་སྒྲིག་བྱེད་ཆས་མེད་པ་དང་དྲོད་ཚད་དྲོད་གྲངས་ཞེ་གསུམ་ལས་བརྒལ་བའི་གནམ་གྲུའི་ནང་དུས་ཚོད་བཞི་ཙམ་ལ་བསྡད་པ་རེད། མཇུག་མཐར་གནམ་གྲུ་གཏོང་མཚམས་བཞག་པ་དང་། འབྲེལ་ཡོད་ཀྱི་རྟོག་ཞིབ་བྱ་བ་སྤེལ་བཞིན་པའི་སྒང་རེད།

དེ་ལས་གཞན་ཨ་མེ་རི་ཁའི་ཁཱ་ལོ་ལའེ་ནཱ་བྱང་མ་མངའ་སྡེའི་ནཱ་ཧྲི་རྫོང་དུས་ཚེས་བཅུ་དགུ་ཉིན་རླུང་འཚུབ་དྲག་པོ་བྱུང་སྟེ། ས་དེའི་སྨན་རྫས་བཟོ་གྲྭ་ཞིག་ལ་གཏོར་བརླག་ཚབས་ཆེན་ཐེབས། ཨ་མེ་རི་ཁའི་སྨན་ཁང་གིས་བཀོལ་བའི་སྨན་རྫས་མང་བོ་ཞིག་བཟོ་གྲྭ་འདིས་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།