དབྱིན་ཇིའི་གྲོས་ཁང་གིས་ཚེས་ཉི་ཤུ་ཉིན་སྲིད་འཛིན་ཏང་བག་འཁུམ་ཏང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་གསུམ་གྱི་གྲོས་མི་གསབ་འདེམས་བྱེད་པའི་བྱ་འགུལ་སྤེལ་བ་དང་། འདེམ་བསྐོའི་མཇུག་འབྲས་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས། བག་འཁུམ་ཏང་གིས་དེའི་ནང་གི་ས་ཁུལ་གཅིག་མ་གཏོགས་སྲུང་ཐུབ་མེད། ངོ་རྒོལ་ཏང་བཟོ་བའི་ཏང་དང་རང་དབང་དམངས་གཙོ་ཏང་གཉིས་ལ་སོ་སོར་འདེམ་བསྐོའི་ས་ཁུལ་རེ་ཐོབ་ཡོད།
ཟླ་སྔོན་མར་དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་གྲོས་མིའི་ལས་འགན་བསྐྱུར་བ་དང་། དེའི་རྗེས་སུ་ཡང་བསྐྱར་བག་འཁུམ་ཏང་གི་གྲོས་མི་གཉིས་ཀྱིས་ལས་འགན་བསྐྱུར་བ་རེད། ས་དེའི་སྨྱན་བྱད་ཀྱིས་དྲངས་པའི་ཆེད་མཁས་པའི་ལྟ་ཚུལ་ལྟར་ན། སྔོན་ཆད་བག་འཁུམ་ཏང་གིས་ཚོད་འཛིན་བྱེད་པའི་འདེམ་བསྐོའི་ས་ཁུལ་གསུམ་གྱི་ས་ཁུལ་གཉིས་ཤོར་བ་ལས། དབྱིན་ཇིའི་མང་ཚོགས་ཀྱིས་བག་འཁུམ་ཏང་གི་ཡིད་ཆེས་ཀྱི་ཚད་ལྡབ་འགྱུར་གྱིས་ཇེ་དམའ་རུ་སོང་ཡོད་པ་མཚོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།