ཝུའུ་ཁི་ལན་ཀྲུང་དབྱང་དངུལ་ཁང་གིས་ཝུའུ་ཁི་ལན་དུ་ཡོད་པའི་ཨུ་རུ་སིའི་ཆེས་ཆེ་བའི་དངུལ་ཁང་རྒྱལ་དབང་ཅན་དུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2023.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཝུའུ་ཁི་ལན་རྒྱལ་ཁབ་དངུལ་ཁང་གིས་ཚེས་ཉི་ཤུ་ཉིན་བསྟན་དོན། ཨུ་རུ་སིའི་ཨ་ཨར་ཧྥ་དངུལ་ཁང་གི་ཝུའུ་ཁི་ལན་དུ་ཡོད་པའི་ཡན་ལག་ཁང་སིན་སི་དངུལ་ཁང་དེ་གནས་སྐབས་དོ་དམ་གྱི་ནང་དུ་ཚུད་པར་བྱེད་རྒྱུ་མ་ཟད། དངུལ་ལོར་ལས་ཁུངས་དེ་རྒྱལ་དབང་ཅན་དུ་གཏོང་བའི་ལས་རིམ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁབ་དངུལ་ཁང་གི་མགོ་བ་ཕའེ་ཧྲི་ནེ་ཡིས་ཉིན་དེར་ཅི་ཧྥུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱི་དངུལ་ཁང་ཏུང་ཧྲི་ཚོགས་པའི་སྲིད་འཛིན་ལས་ཁུངས་ལ་དངུལ་ཁང་དེ་རྒྱལ་དབང་ཅན་དུ་བསྒྱུར་བའི་གྲོས་གཞི་བཏོན་ཡོད་ཟེར།

སིན་སི་དངུལ་ཁང་གི་སྔོན་ཆད་ཀྱི་མིང་ལ་ཝུའུ་ཁི་ལན་ཨ་ཨར་ཧྥ་དངུལ་ཁང་ཞེས་འབོད་པ་ཡིན་ལ། ཨུ་རུ་སིའི་སྒེར་གཉེར་དངུལ་ཁང་གཙོ་བོ་ཨ་ཨར་ཧྥ་དངུལ་ཁང་གི་ཡན་ལག་དངུལ་ཁང་ཡིན་པ་དང་། ཨུ་རུ་སིའི་མ་རྐང་ཚོད་འཛིན་བྱེད་པའི་ཝུའུ་ཁི་ལན་གྱི་ཆེས་ཆེ་བའི་དངུལ་ཁང་ཀྱང་ཡིན་ལ། ཝུའུ་ཁི་ལན་རྒྱལ་ཁབ་དངུལ་ཁང་གིས་མ་ལག་གལ་ཆེན་རང་བཞིན་ལྡན་པའི་དངུལ་ཁང་གི་གྲས་སུ་བཞག་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།