ནི་ཁཱ་རཱ་ཀྭ་ཡིས་ཉེ་སྔོན་བྱ་འགུལ་སྤེལ་ཏེ། གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་སིང་ཏིས་ནོའུ་མི་རིགས་བཅིངས་འགྲོལ་འཐབ་ཕྱོགས་ཀྱིས་མགོ་ཁྲིད་པའི་མི་དམངས་དྲག་ཆས་པས་ཨ་མེ་རི་ཁར་བློ་ཉེ་བའི་སྒེར་གཅོད་སྲིད་དབང་རྩ་རྫོགས་བྱས་ནས་ལོ་ངོ་ཞེ་བཞི་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། ནི་ཁཱ་རཱ་ཀྭའི་ཙུང་ཐུང་ཨོ་ཨར་ཐི་ཅཱ་ཡིས་བྱ་འགུལ་སྟེང་བསྟན་དོན། ལོ་ངོ་བཞི་བཅུ་ལྷག་གི་ཡར་སྔོན་གྱི་རྒྱལ་ཁ་དེ་ནི་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་ཞིག་ཡིན་པ་དང་། དེ་ལས་ནི་ཁཱ་རཱ་ཀྭའི་མི་དམངས་ལ་ཞི་བདེ་དང་དབུལ་ཐར་གྱི་རེ་བ་བསྩལ་ཡོད་ཟེར། ཨོ་ཨར་ཐི་ཅཱ་ཡིས་ད་རུང་ཨ་མེ་རི་ཁས་ཐེངས་མང་བོར་ཝེ་ནེ་ཙུའེ་ལཱ་སོགས་རྒྱལ་ཁབ་ལ་བཀག་སྡོམ་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། དབུས་ཤར་ས་ཁུལ་དུ་ཐེངས་མང་བོར་འཐབ་འཁྲུག་བསླངས་ཏེ་བཙན་འཛུལ་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།