ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཉིས་ཉིན་རང་གི་དཔོན་ཕྱོགས་དྲ་རྒྱ་བརྒྱུད་དེ་སྤྱི་སྒྲོག་སྤེལ་ནས། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཉིན་དེར་མེ་སྒྱོགས་མང་བོ་མཉམ་གཏོང་བྱས་པ་ལས་ཨུ་རུ་སིའི་གསར་འགོད་པ་ཅིག་རྐྱེན་ལམ་དུ་ཤོར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ས་དེའི་ཚེས་ཉེར་གཉིས་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་ཡས་མས་སུ། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་མེ་སྒྱོགས་མང་བོ་མཉམ་གཏོང་བྱས་ཏེ། ད་ལྟའི་ཨུ་རུ་སི་འཕྲིན་གཏོང་ཁང་དང་ཨུ་རུ་སིའི་ཆ་འཕྲིན་ཚགས་པར་སོགས་སྨྱན་བྱད་ཀྱི་གསར་འགོད་པར་འཇབ་རྒོལ་བྱས། སྐབས་ཐོག་དེར་གསར་འགོད་པ་དེ་དག་གིས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཀྲ་པའོ་ལོ་རི་ལ་མེ་སྒྱོགས་འཇབ་རྒོལ་བྱས་པའི་འབྲེལ་ཡོད་གནས་ཚུལ་བསྒྲགས་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་གསར་འགོད་པ་དག་མྱུར་མོར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་གཡུལ་སའི་སྨན་བཅོས་ལས་ཁུངས་སུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། གསར་འགོད་པ་བཞིར་ཚད་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ནང་ད་ལྟའི་ཨུ་རུ་སི་འཕྲིན་གཏོང་ཁང་གི་རོའུ་ལཱ་ཧྥུའུ་ལེའོ་ཧྥུའུ་ལམ་བར་ནས་རྨས་ཕོག་སྟེ་རྐྱེན་ལམ་དུ་ཤོར་བ་རེད།
ཨུ་རུ་སིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རོའུ་ལཱ་ཧྥུའུ་ལེའོ་ཧྥུའུ་ནི་གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོར་སྐྱེས་པ་རེད།
མིག་སྔར་ཝུའུ་ཁི་ལན་ཕྱོགས་ཀྱིས་ད་རུང་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་སྤྱི་སྒྲོག་དེའི་ཐད་ནས་བསམ་ཚུལ་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།