ཧན་གོའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་དམངས་ཁྲོད་ཚོགས་པས་ཕྱེད་གླིང་གི་དམག་དོན་ཛ་དྲག་ཏུ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2023.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཧན་གོའི་རྒྱལ་ས་ཧྲིག་ཨར་ནས། མི་རྣམས་ཀྱིས་འཕྲེད་བྱང་བཟུང་ནས་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ།

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཧན་གོའི་རྒྱལ་ས་ཧྲིག་ཨར་ནས། མི་རྣམས་ཀྱིས་འཕྲེད་བྱང་བཟུང་ནས་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ།

ཧན་གོའི་དམངས་ཁྲོད་ཚོགས་པ་ལོ་ངོ་བདུན་ཅུར་འཐབ་འཁྲུག་མཚམས་འཇོག་པའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འགུལ་སྐྱོད་ཀྱིས་ཚེས་ཉེར་གཉིས་ཉིན་ཧྲིག་ཨར་གྲོང་ཁྱེར་ལྟེ་གནས་སུ་འཐབ་འཁྲུག་ལ་རྒོལ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ངོ་རྒོལ་བྱས་པ་དང་། ཕྱེད་གླིང་གི་དམག་དོན་ཛ་དྲག་ཏུ་གཏོང་མཚམས་བཞག་སྟེ། ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་རྒྱལ་གྱི་ཨེ་ཤ་ཡཱ་གསར་འཛུགས་བྱེད་དགོས་པའི་འབོད་སྐུལ་བཏང་།

འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་པའི་མི་ཚོགས་ཀྱིས་ཁ་གཡང་མཐོན་པོར་བསྒྲགས་པ་དང་། ཧན་གོ་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་ཞེས་པ་དང་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་དམག་དོན་མཉམ་ལས་ལ་ངོ་རྒོལ་བྱེད་པ། དགྲར་འཛིན་འགུལ་སྐྱོད་མཚམས་བཞག་ནས་ཞི་བདེའི་ལམ་དུ་བསྐྱོད་དགོས་ཞེས་པ་སོགས་ཀྱི་འཕྲེད་བྱང་མཐོན་པོར་བཀྱགས་ནས། ཧྲིག་ཨར་ཐང་ཆེན་ནས་ཀོང་ཧྭ་སྒོའི་ཐང་ཆེན་བར་དུ་སོང་བ་དང་། དམག་དོན་འཇིགས་སྐུལ་དང་བཀག་སྡོམ་ལ་བརྟེན་པ་མ་ཡིན་པར་གྲོས་མོལ་དང་མཉམ་ལས་ལ་བརྟེན་ནས་ཕྱེད་གླིང་གནད་དོན་ཐག་གཅོད་བྱེད་པའི་གྲོས་གཞི་བཏོན་པ་དང་། ཕྱེད་གླིང་དང་ཨེ་ཤ་ཡཱ་ས་ཁུལ་གྱི་དམག་དོན་སྒྲིག་ཆས་འགྲན་རྩོད། ཉིང་རྡུལ་ནུས་པའི་འཇིགས་ཉེན་མེད་པའི་ཁྲའོ་ཞན་ཕྱེད་གླིང་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

བྱ་འགུལ་རྩ་འཛུགས་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ངོ་བདུན་ཅུར་འཐབ་འཁྲུག་མཚམས་འཇོག་པའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འགུལ་སྐྱོད་དེ་ཧན་གོའི་དམངས་ཁྲོད་ཚོགས་པ་ཆུང་བ་དང་མི་སྒེར་བརྒྱ་ལྷག་གིས་གྲུབ་པ་རེད།

ཐེངས་འདིའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་སྐབས། ལོ་ངོ་བདུན་ཅུར་འཐབ་འཁྲུག་མཚམས་འཇོག་པའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འགུལ་སྐྱོད་ཀྱིས་གསལ་སྒྲོག་སྤེལ་ཏེ། ཞི་བདེ་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པ་བསྐྱུར་མི་རུང་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དགྲར་འཛིན་མཚམས་འཇོག་པ་དང་ཡིད་ཆེས་སླར་གསོ་བྱེད་པ་ནི་ཕྱེད་གླིང་གི་ཡུན་རིང་ཞི་བདེ་འབྱུང་བ་དང་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱེད་པའི་གནད་འགག་ཡིན་ཟེར།

ཉིན་དེར་ལོ་ངོ་བདུན་ཅུར་འཐབ་འཁྲུག་མཚམས་འཇོག་པའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འགུལ་སྐྱོད་དེས་ད་རུང་ཧན་གོ་དང་འཇར་པན་གྱི་དམངས་ཁྲོད་ཚོགས་པ་མང་བོ་མཉམ་དུ་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། འཇམ་འཐབ་བསམ་བློ་མེད་པར་བཏང་ནས་ཨེ་ཤ་ཡཱ་ཤར་མའི་དམག་དོན་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།