ཕུའུ་ཅིན་གྱིས་ཕོ་ལན་ལ་ཉེན་བརྡ་བཏང་སྟེ་ཨུ་རུ་སི་དཀར་པོར་དཔུང་འཇུག་བྱེད་པ་དེ་ཨུ་རུ་སིར་དཔུང་འཇུག་བྱས་པ་དང་གཅིག་འདྲ་ཡིན་པའི་ཚུལ་བསྟན།
2023.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

འདི་ནི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ས་མའོ་སི་ཁོ་ནས་གཏམ་བཤད་སྤེལ་བཞིན་པའི་པར་རིས་རེད།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་ཕོ་ལན་ལ་ཉེན་བརྡ་བཏང་སྟེ། ཨུ་རུ་སི་དཀར་པོར་དཔུང་འཇུག་བྱེད་པའི་བྱ་སྤྱོད་གང་ཡིན་རུང་ཨུ་རུ་སིར་དཔུང་འཇུག་བྱེད་པ་དང་གཅིག་འདྲ་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་སྤྱད་ཆོག་པའི་བྱེད་ཐབས་གང་རུང་སྤྱད་ནས་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཕུའུ་ཅིན་གྱིས་བཤད་རྒྱུར། ཀུན་གྱིས་ཤེས་གསལ་ལྟར་ཕོ་ལན་གྱིས་ཨུ་རུ་སི་དཀར་པོའི་ས་ཁོངས་ལ་སྟོང་བསམ་བཅངས་ཡོད་ཟེར་ཡང་། ཁོས་ཞིབ་ཏུ་བཤད་མེད།

ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་བསྟན་པའི་རྣམ་འགྱུར་དེར་དམིགས་ནས། ཕོ་ལན་གྱི་ཙུང་ལི་མའོ་ལཱ་ཝེ་ཙི་ཅི་ཡིས་དྲ་ཐོག་བརྒྱུད་དེ་བཤད་རྒྱུར། ཕོ་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཕོ་ལན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་པ་རེད།

གཟའ་འཁོར་སྔོན་མའི་ཚུན་ལ། ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཝ་ཀི་ནཱ་རྩ་འཛུགས་ཀྱི་རླངས་འཁོར་རུ་ཁག་མང་བོ་ཨུ་རུ་སི་དཀར་པའི་མངའ་ཁོངས་སུ་སོང་ཡོད་པ་དང་། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཝ་ཀི་ནཱའི་ཁོངས་མི་དག་གིས་ཨུ་རུ་སི་དཀར་པོའི་ཉེ་བའི་ཕོ་ལན་མཐའ་མཚམས་ས་ཁུལ་གྱི་དམག་དོན་སྦྱོང་བརྡར་ར་བ་ཞིག་ཏུ་སྦྱོང་བརྡར་བྱེད་པའི་སྐོར་གྱི་ཨུ་རུ་སི་དཀར་པོའི་དམིགས་བསལ་དམག་དཔུང་གི་ཉེ་སར་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་རེད།

ཕོ་ལན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་པུའུ་ཝ་ཧྲི་ཆཱ་ཁི་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཁོས་བཀའ་རྒྱ་བཏང་སྟེ་རྒྱལ་ཁབ་རང་གི་ནུབ་ཕྱོགས་ས་ཁུལ་དུ་བཅའ་སྡོད་བྱེད་པའི་དམག་དཔུང་སྐོར་ཞིག་ཤར་ཕྱོགས་མཐའ་མཚམས་ས་ཁུལ་དང་བྱང་ཤར་ས་ཁུལ་དུ་འགྲོ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཕིས་སི་ཐའོ་ལི་ཝུའུ་སི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། འཇར་མན་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱིས་ཕོ་ལན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཤར་མཐའ་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།