ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཝ་ཨར་ཏཱ་ཁི་ཞིང་ཆེན་སྲིད་གཞུང་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཞིང་ཆེན་དེའི་ས་ཁུལ་སྐོར་ཞིག་ཏུ་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་དྲག་ཆར་བབས་པའི་དབང་གིས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུར་རྨས་ཕོག་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཁང་བ་བརྒྱ་ཕྲག་འགའ་དང་གཞི་རྒྱ་ཆེ་བའི་ཞིང་སར་ཆུ་ལོག་གི་འཇིགས་པའི་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།
ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་དྲ་ཐོག་བརྒྱུད་ནས་བསྟན་དོན། གནོད་ཐེབས་ཆེས་ཚབས་ཆེ་བའི་ཝ་ཨར་ཏཱ་ཁི་ཞིང་ཆེན་གྱི་ཀྲ་རོས་ཙི་ས་ཁུལ་ནས། འདས་པོའི་མི་གྲངས་བཅུ་གཉིས་ལ་བསླེབས་ཡོད་པ་དང་། གཞན་ཡང་མི་བཞི་བཅུ་གར་སོང་རྙེད་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།