སུའུ་ཏན་གྱི་འཁྲུག་རྩོད་ལས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
2023.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

སུའུ་ཏན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་ཏཱ་ཨར་ཧྥུའུ་ཨར་ལྷོ་མ་མངའ་སྡེ་དང་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེ་རུ་འཁྲུག་རྩོད་དྲག་པོ་བྱས་ཏེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དཔོན་ཕྱོགས་མ་ཡིན་པའི་ལས་ཁུངས་སུའུ་ཏན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སུའུ་ཏེན་དྲག་ཆས་དམག་དཔུང་དང་ཚད་ལྡན་དམག་དཔུང་རྩ་འཛུགས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཏཱ་ཨར་ཧྥུའུ་ཨར་ལྷོ་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ནེ་ཡཱ་ཡི་སྲང་ལམ་དང་སྡོད་དམངས་འདུས་ཁུལ་ནས་འཁྲུག་རྩོད་བྱས་ཏེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེ་ཡི་ལྟེ་གནས་གྲོང་ཁྱེར་ཨིག་པེད་དབྱེ་ཏི་ཡི་སྨན་ཁང་བཞིར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་ལྔར་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།