ཧིན་རྡུ་ཉི་ཞི་ཡཱ་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།
2023.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཧིན་རྡུ་ཉི་ཞི་ཡཱའི་ཤར་ལྷོའི་ཕྱོགས་ཀྱི་སུའུ་ལཱ་ཝེ་ཞི་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པར་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དགུ་གར་སོང་རྙེད་མེད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་སྔོག་བཤེར་རྒུད་སྐྱོབ་ཅུའུ་ཡི་མགྲིན་ཚབ་པ་ལཱ་ཏིས་ཧྥུའུ་ཡིས་བཤད་རྒྱུར། གྲུ་གཟིངས་དེར་བསྡོམས་པས་མི་བཞི་བཅུ་དྲུད་ཡོད་པ་དང་། ས་དེའི་ཚེས་ཉེར་བཞི་ཉིན་གྱི་ནམ་གུང་ཡས་མས་སུ་ཤར་ལྷོའི་ཕྱོགས་ཀྱི་སུའུ་ལཱ་ཝེ་ཞི་ཞིང་ཆེན་ཀྲུང་པུའུ་ཐུང་ས་ཁུལ་གྱི་མཱ་ཝ་སིང་ཁཱ་མཚོ་ཁུགས་དུ་བགྲོད་སྐབས་རྒྱ་མཚོར་ནུབ་པ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྒུད་སྐྱོབ་རུ་ཁག་དོན་རྐྱེན་བྱུང་སར་འབྱོར་ཡོད་པ་དང་། མིག་སྔར་མི་དྲུག་བསྐྱབས་ཡོད། གྲུ་གཟིངས་རྒྱ་མཚོར་ནུབ་པའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

ཧིན་རྡུ་ཉི་ཞི་ཡཱ་ནི་གླིང་ཚོམས་རྒྱལ་ཁབ་ཅིག་ཡིན་པ་དང་། གྲུ་གཟིངས་ནི་མང་ཚོགས་འགྲུལ་བཞུད་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་གལ་ཆེན་ཞིག་ཡིན། ནམ་ཟླའི་རྒྱུ་རྐྱེན་དང་བདེ་འཇགས་བྱེད་ཐབས་ཞན་པ་ནི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།