ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བཞི་ཉིན་བཅའ་ཁྲིམས་ཅིག་བཀོད་དེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཨུ་རུ་སིའི་དམག་དོན་ཁྲིམས་གཞུང་གི་དོན་ཚན་སྐོར་ཞིག་ལ་བཟོ་བཅོས་བྱས་པ་དང་། གྲངས་ཀའི་ལུའུ་པུའུ་ནང་འདྲེན་དང་དགོས་ངེས་ཀྱི་གློག་རྡུལ་སྟེགས་བུ་གསར་འཛུགས་བྱས།
བཅའ་ཁྲིམས་ཡིག་ཆ་དེ་ཨུ་རུ་སིའི་བཅའ་ཁྲིམས་ཆ་འཕྲིན་དྲ་ཚིགས་ནས་ཁྱབ་བསྒྲགས་བྱས་ཡོད། དེ་གྲངས་ཀའི་ལུའུ་པུའུ་ཡི་བཅའ་ཁྲིམས་གོ་གནས་དང་འཁོར་རྒྱུག་བྱེད་ཐབས། ཚོང་གཉེར་སྟེགས་བུ། དེའི་ཟབ་ཞུགས་མཁན་དང་སྤྱོད་མཁན་བར་གྱི་འབྲེལ་བ་སོགས་ལ་བཅའ་ཁྲིམས་གཏན་འཁེལ་བྱས་ཡོད།
མཚམས་སྦྱོར་བྱས་པ་ལྟར་ན། གྲངས་ཀའི་ལུའུ་པུའུ་ཡི་བེད་སྤྱོད་སྒྲིག་སྲོལ་ལས་ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་གི་ཆོད་དོན་བརྩི་སྲུང་བྱེད་དགོས་པ་དང་། དོན་ཚན་སྐོར་ཞིག་ལས་གཞན་བཅའ་ཁྲིམས་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནུས་ལྡན་དུ་འགྱུར་སྲིད་ཟེར།
ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་རོའུ་ལཱ་ཧྥུའུ་ལེའོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་དངུལ་ཁང་བཅོ་ལྔ་གྲངས་ཀའི་ལུའུ་པུའུ་ཡི་ཚོད་ལྟའི་ནང་ཞུགས་ཡོད་པ་དང་། དྲ་རྒྱའི་སྤྱོད་མཁན་བར་གྲངས་ཀའི་ལུའུ་པུའུ་བེད་སྤྱད་དེ་མ་དངུལ་བརྒྱུད་སྤྲོད་བྱེད་བཞིན་ཡོད། བཅའ་ཁྲིམས་དེ་ནུས་ལྡན་དུ་གྱུར་རྗེས། དངོས་བཀོལ་བྱེད་མཁན་བར་གྲངས་ཀའི་ལུའུ་པུའུ་སྤྱད་དེ་མ་དངུལ་བརྒྱུད་སྤྲོད་བྱས་ཆོག་པ་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།