འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བཞི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་དབུས་ཤར་ས་ཁུལ་དུ་ཕྱོགས་བསྡུས་དབུགས་ལམ་ནད་བྱུང་བའི་ནད་པ་ཞིག་རྙེད་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་དབུགས་ལམ་གྱི་ཕྱོགས་བསྡུས་ནད་རྟགས་དང་བཅས་པའི་དབུགས་ལམ་གྱི་འགོ་ནད་ཚབས་ཆེན་ཚད་འཇལ་ཞིབ་བཤེར་བྱེད་པར་མཉམ་འཇོག་བྱེད་དགོས་པའི་གསལ་འདེབས་བྱས།
དབུས་ཤར་ས་ཁུལ་གྱི་ཕྱོགས་བསྡུས་དབུགས་ལམ་གྱི་ནད་ནི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན་པ་དང་། དབུས་ཤར་གྱི་ཕྱོགས་བསྡུས་དབུགས་ལམ་ནད་ལས་བསྐྱེད་པ་རེད། རྔ་མོང་མོག་གཅིག་ཅན་ནི་ནད་དུག་དེ་རིགས་ཀྱི་གཞི་བཅའ་ས་དང་མིར་ནད་དུག་དེ་འགོ་བའི་ནད་ཁུངས་གཙོ་བོ་ཞིག་ཡིན་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོང་གི་འགོ་ནད་དེའི་དབང་གིས་རྒྱལ་མཚམས་སོགས་ནས་དབུས་ཤར་གྱི་དབུགས་ལམ་ཕྱོགས་བསྡུས་ནད་རྟགས་ལ་དམིགས་ཏེ་དམིགས་བསལ་གྱི་ཞིབ་བཤེར་བྱེད་མི་རུང་བ་དང་། གནས་སྐོར་དང་ཉོ་ཚོང་ཚད་བཀག་བྱེད་མི་རུང་བའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།