ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧིའི་ཀྲུའུ་ཞི་ཨ་པཱ་སི་ཡིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་ཧཱ་ནེ་ཡཱ་དང་གྲོས་མོལ་བྱས།
ཧཱ་མཱ་སི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཟླ་འདིའི་ཟླ་མཇུག་ཏུ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྤེལ་རྒྱུ་ཡིན་པའི་ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་གྲོས་ཚོགས་ནས་ལྷག་བསམ་རྣམ་དག་གིས་བརྗེ་རེས་གཏིང་ཟབ་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཏེ། ཕཱ་ལེ་སི་ཐན་གྱི་ལས་དོན་གྱི་མདུན་དུ་ལྷགས་པའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པར་འདོད་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་པ་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ཧཱ་མཱ་སིའི་རེ་བ་ལྟར་སྤེལ་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།