འདི་ནི་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་འདོན་སྤྲོད་བྱས་པའི་འབྲེལ་ཡོད་འདྲ་པར་རེད།
འདི་ནི་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་འདོན་སྤྲོད་བྱས་པའི་འབྲེལ་ཡོད་འདྲ་པར་རེད།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་མེས་རྒྱལ་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་བའི་སྐབས་སུ། ཕེན་ཨན་ལྷོ་ལམ་གྱི་ཧོས་ཚང་རྫོང་དུ་ཡོད་པའི་ཀྲུང་གོའི་མི་དམངས་དང་བླངས་དམག་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ།
ཁྲའོ་ཞན་མི་དམངས་དམག་གི་གཟབ་སྦྲེང་རུ་ཁག་གིས་སྔོན་གཤེགས་དཔའ་བོའི་བང་སོར་གྲལ་བསྒྲིགས་པ་དང་། ཡུལ་དངོས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ།
མེ་ཏོག་འབུལ་བའི་རོལ་དབྱངས་གྲགས་པ་དང་མཉམ་དུ། ཅིན་ཀྲིན་ཨིན་གྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཀྲུང་གོའི་མི་དམངས་དང་བླངས་དམག་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་སྔོན་དུ་བཞག་པ་དང་། མེ་ཏོག་གི་ཕྲེང་བ་དེའི་སྟེང་དུ་ཀྲུང་གོའི་མི་དམངས་དང་བླངས་དམག་སྔོན་གཤེགས་དཔའ་བོ་དུས་གཏན་དུ་བརྗེད་པ་མེད་ཅེས་པའི་ཡིག་འབྲུ་བྲིས་ཡོད།
ཅིན་ཀྲིན་ཨིན་གྱིས་ཀྲུང་གོའི་མི་དམངས་དང་བླངས་དམག་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་དང་། ཀྲུང་གོའི་མི་དམངས་དང་བླངས་དམག་སྔོན་གཤེགས་དཔའ་བོའི་བང་སོར་ཡོད་པའི་མའོ་ཨན་དབྱིན་གྱི་བར་སོང་མེ་ཏོག་ཕུལ་ནས་གུས་སེམས་བསྟན།
ཨིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཟུངས་ཁྲག་ལ་བརྟེན་ནས་རླབས་ཆེ་བའི་རྒྱལ་ཁ་བརྩོན་ལེན་བྱས་ཏེ་དུས་རབས་བརྒལ་ཡང་གསོན་ཤུགས་མ་ཉམས་པར་ཡོད། ཀྲུང་གོའི་མི་དམངས་དང་བླངས་དམག་སྔོན་གཤེགས་དཔའ་བོ་དག་དུས་གཏན་དུ་ཁྲའོ་ཞན་མི་དམངས་ཀྱི་སེམས་ཁོང་དུ་གསོན་ཡོད་ལ། ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཐུན་སྒྲིལ་ལོ་རྒྱུས་དང་སྲོལ་རྒྱུན་ཚེ་རབས་ཀུན་ཏུ་རྒྱུན་འཛིན་བྱེད་ངེས་ཡིན་ཟེར།
ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ཡུང་ཡོན་དང་། ཁྲའོ་ཞན་གྱི་རྒྱལ་སྲུང་བློན་ཆེན་ཆང་ཁྲོན་ནན། ཕྱི་འབྲེལ་བློན་ཆེན་ཚོས་ཧྲན་ཅི། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་ཅིན་ཁྲིན་ནན། ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་བཅས་མཉམ་དུ་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།