ནེ་ཀྲིར་གྱི་ཙུང་ཐུང་བཞུགས་ཤག་ལ་བཀག་སྡོམ་བྱས།
2023.07.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ནེ་ཀྲིར་གྱི་ཙུང་ཐུང་བཞུགས་ཤག་གི་འབྲེལ་ཡོད་མི་སྣས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཙུང་ཐུང་བཞུགས་ཤག་གི་ཉེན་སྲུང་རུ་ཁག་གིས་ས་དེའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་ནས་བཟུང་ཙུང་ཐུང་བཞུགས་ཤག་བཀག་སྡོམ་བྱས་ཡོད། མིག་སྔའི་བར་དུ་ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་སོགས་འགྲོ་འོང་བྱེད་ཀྱིན་མེད། ནེ་ཀྲིར་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། པཱ་ཙུའུ་མུའུ་ཡིས་རང་གི་ཏང་ཁག་ནང་ཁུལ་གྱི་ཁོངས་མི་གཞན་པར་ཁ་པར་བཏང་སྟེ། ཅང་མ་འགོར་བར་རང་དབང་སླར་གསོ་འབྱུང་སྲིད་པའི་ཚུལ་བསྟན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།